JOURNAL POLICY DZO

Note: For proper display of Dzongkha text, go to the browser settings and change the Standard font to "DDC Uchen" under Appearance.

འབྲུག་གསོ་རིག་དུས་དེབ་ཀྱི་སྲིད་བྱུས་ལམ་ལུགས།
                  ༢༠༢༤

༡.  དུས་དེབ་འདི་ནང་ལུ་དོན་ཚན།

༉    འབྲུག་གསོ་རིག་དུས་དེབ་འདི་གསོ་བ་རིག་པ་དང་འབྲེལ་བའི་སྣ་མང་གི་ཤེས་ཡོན་དང་ལྡན་པའི་དུས་དེབ་གཅིག་ཨིན། འདི་ནང་ལུ་གསོ་བ་རིག་པ་གིས་མ་དོ་བར་མི་སྡེ་དང་ལུང་ཕྱོགས། རྒྱལ་ཁབ་ནང་འཁོད་ལུ་གསོ་བའི་ཞབས་ཏོག་གི་དོན་ལུ་ལག་ལེན་འཐབ་ཡོད་པའི་ལྷན་ཐབས་ཀྱི་ཞབས་ཏོག་དང་གདམ་ཁ་ཅན་གྱི་ཞབས་ཏོག། སྨན་དཔྱད་ལ་སོགས་པ་ཚུ་གིས་དམིགས་བསལ་གྱི་ཕན་པ་བྱུང་མི་དང་ཉེན་བསྲུང་། སྨན་གཞུང་ནང་ལས་གསུངས་མི་དང་ལག་ལེན་དངོས་འཐབ་འབད་བའི་སྐབས་ལུ་ཕན་པའི་ཁྱད་པར་བྱུང་བའི་ཉམས་མྱོང་། སྐྱེ་ལྡན་རིག་པའི་ཐབས་རིག་དང་སྨན་སྦྱོར་ལག་ལེན་ཚུ་ བེད་སྤྱོད་ག་དེ་སྦེ་འབད་ཡོདཔ་ཨིན་ནའི་སྐོར་ཚུདཔ་ཨིན། དུས་དེབ་འདི་མཁས་མཆོག་དང་ཁྱད་རིག་ལྡན་མི་ཚུ་གིས་དབྱེ་ཞིབ་ཡང་དག་སྦེ་འབད་དེ་པར་སྐྲུན་འབད་ནི་དེ་གིས་ དེང་སང་རྒྱུ་མཚན་ཁུངས་ལྡན་གྱི་གནས་ཚད་དང་ལྡན་པའི་དུས་དེབ་ཅིག་ཨིན། དུས་དེབ་འདི་གསོ་བ་རིག་པ་དང་འབྲེལ་བའི་མཁས་དབང་དང་ཞིབ་འཚོལ་པ། སློབ་སྦྱོང་པ་ཚུ་གིས་ཁྱད་རིག་དང་ཐབས་ཤེས་ཚུ་བརྗེ་སོར་འབད་དེ་རིག་པ་གསར་གཏོད་དང་ཐབས་ཤེས་ཟབ་མོ་ཚུ་ཡར་རྒྱས་གཏང་ཐབས་ཀྱི་ས་སྒོ་ངོ་མ་གཅིག་ཨིན།

༢.  པར་སྐྲུན་པ།

གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེའི་མངའ་འོག་ལུ་ཡོད་པའི་ ནང་པའི་གསོ་བ་རིག་པའི་སློབ་ཚོགས་ཀྱིས་པར་སྐྲུན་འབདཝ་ཨིན།

དུས་དེབ་པར་སྐྲུན་ཀུན་སྤྱོད་རྣམ་གཞག་དང་གནས་ཚད། ལག་ལེན་ཚུ་ག་ར་ Committee on Publication Ethics (COPE), World Association of Medical Editors (WAME) and the International Committee for Medical Journal Editors (ICMJE) རྒྱལ་སྤྱིའི་གནས་ཚད་དང་འཁྲིལ་ཡོདཔ་ཨིན།

༣.  དུས་དེབ་ཐོན་རིམ།

འབྲུག་གསོ་རིག་དུས་དེབ་འདི་ལོ་བསྟར་ཐེངས་རེ་པར་སྐྲུན་འབད་ནི་ཨིན་རུང་རྩོམ་ཡིག་ལྷོད་མིའི་གྱངས་ཁ་དང་འཁྲིལ་ཏེ་ཐེབས་དང་ལྷན་ཐབས་གང་རུང་པར་སྐྲུན་འབད་ནི་ཨིན།

༤.  ཞུན་དག་བཀོད་ཚོགས།

དུས་དེབ་ཀྱི་ཞུན་དག་བཀོད་ཚོགས་ཀྱི་སྡེ་ཚན་ནང་ལུ་ ཁྱད་རིག་སྣ་མང་གི་འཐུས་མི་ཚུ་ཡོདཔ་དང་ འཐུས་མི་ཚུ་གི་ལཱ་འགན་གཙོ་བོ་ཁྱད་རིག་དང་རྩོམ་ཡིག་གི་སྤུས་ཚད་ཡར་དྲག་གི་དོན་ལུ་ལམ་སྟོན་ཚུ་གནང་ནི་དང་ རྩོམ་ཡིག་ནང་ལུ་རྒྱུ་མཚན་ཁུངས་ལྡན་གྱི་གནས་ཚུལ་ཚུ་དང་ དུས་དེབ་ཀྱི་དོན་ལུ་འཆར་གཞི་དང་བྱ་རིམ་ཚུ་གི་སྐོར་ལས་ཡང་ལམ་སྟོན་ཚུ་གནངམ་ཨིན། ཞུན་དག་གཙོ་འཛིན་པ་གིས་ དུས་དེབ་དང་འབྲེལ་བའི་ལཱ་འགན་ཡོངས་རྫོགས་ཀྱི་འགོ་ཁྲིད་མཛད་ནི་ཨིན། ཞུན་དག་བཀོད་ཚོགས་ཀྱི་འཐུས་མི་ཚུ་གི་གནས་ཡུན་ལོ་ངོ་གསུམ་གྱི་རིང་ཨིན་རུང་བསྐྱར་གསོ་འབད་ནིའི་འོས་འབབ་ཡང་ཡོད།

འབྲུག་གསོ་རིག་དུས་དེབ་ཀྱི་དོན་ལུ་ཡིག་ཚང་།

ནང་པའི་གསོ་རིག་སློབ་ཚོགས་ནང་ལས་ མི་ངོ་སྡེ་ཚན་གཅིག་གིས་དུས་དེབ་ཞུན་དག་ཡིག་ཚང་གི་ལཱ་འབདཝ་ཨིན། ཞུན་དག་ལས་རོགསཔ་ཚུ་གིས་རྩོམ་ཡིག་ལྷོད་མི་ཚུ་འཛིན་སྐྱོང་འབད་ནི་དང་། རྩོམ་ཡིག་འགོ་ཐོག་ལྷོད་མི་ཚུ་དུས་དེབ་ཀྱི་དགོས་མཁོ་དང་འཁྲིལ་ཡོད་མེད་ཚུ་དབྱེ་ཞིབ་འབད་དེ་ མཉམ་སྡེབ་བསྐྱར་ཞིབ་དང་ཞུན་དག་པ་གིས་གྲོས་ཐག་ཆོད་མི་ཚུ་གཏོང་ལེན་འབད་ནིའི་བྱ རིམ་ཚུ་ལག་ལེན་འཐབ་ཨིན། དུས་དེབ་ཀྱི་ཡིག་ཚང་འདི་ཡང་གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེའི་མངའ་འོག་ལུ་ཡོད་པའི་ ཀ་ཝང་སྦྱང་ས་ནང་པའི་གསོ་བ་རིག་པའི་སློབ་ཚོགས་ནང་ཡོད།

༦.  པར་སྐྲུན་གྱི་དོན་ལུ་འཐུས།

རྩོམ་ཡིག་རྩོམ་སྒྲིག་འབད་དེ་ པར་སྐྲུན་གྱི་དོན་ལུ་ཞུ་བ་ཕུལ་མི་ཚུ་གིས་ འཐུས་ཚུ་ག་ནི་ཡང་སྤྲོད་མ་དགོཔ་ཨིན།

༧.  འདྲ་བཤུས་སྲིད་བྱུས་ལམ་ལུགས།

འདྲ་བཤུས་ཟེར་མི་འདི། མི་ངོམ་རང་གིས་རྩོམ་སྒྲིག་འབད་འབདཝ་མིན་པའི་ མི་གཞན་གྱིས་རྩོམ་སྒྲིག་འབད་ཚར་བའི་དཔེ་དེབ་ རྩོམ་བྲིས་ ཡང་ན་ཐབས་རིག་གནས་སྐབས་ཚུ་ལས་འདྲ་བཤུས་འབད་དེ་འབད་བའི་ལཱ་གཅིག་ལུ་གོ་ནི་ཨིན། དེའི་ནང་ལས་གཞན་གྱིས་རྩོམ་སྒྲིག་འབད་དེ་ཡོད་མི་ལས་འདྲ་བཤུས་འབད་མི་འདི་ ཁྲིམས་འགལ་ཨིན་པའི་ཁར། དྲང་བདེན་དང་རྒྱུ་མཚན་ཁུངས་ལྡན་ཞིབ་འཚོལ་གྱི་ལམ་ལུགས་དང་ ཀུན་སྤྱོད་ལས་ཡང་འགལ་བ་ཨིན།

གཤམ་ལུ་འཁོད་མི་གནད་དོན་དང་ཁྱད་ཆོས་ཚུ་ཚང་པ་ཅིན་ འདྲ་བཤུས་ཨིནམ་སྦེ་ངོས་ལེན་འབད་ནི། དེ་འབདཝ་ད་སྐབས་དོན་དང་འཁྲིལ་གནད་དོན་གཞན་ཡང་ལག་ལེན་འཐབ་འོང་།

༡.  གཞན་གྱིས་རྩོམ་སྒྲིག་འབད་ཡོད་པའི་ནང་དོན་ཐོག་ལུ་རྩོམ་སྒྲིག་དཔེ་སྐྲུན་འབད་ནི་དང།

༢.  ཡོངས་གྲགས་དང་ཡང་ན་སྤྱིར་བཏང་ཞིབ་འཚོལ་གྱི་ལམ་ལུགས་དང་ཐོབ་ལམ་མ་ཡིན་པའི་གཞན་གྱིས་རྩོམ་སྒྲིག་འབད་ཡོད་པའི་ཨང་རྩིས་དང་། ཐིག་ཁྲམ། སྙོམས་རྩིས། པར་རིས་ཚུ་ལག་ལེན་འཐབ་ནི།

༣.  ཡོངས་འབྲེལ་འཆར་སྒོ་ཚུ་ལས་གནས་སྡུད་དཔེ་བཤུས་རྐྱབ་ཞིནམ་ལས་བཏོགས་ཏེ་བཙུགས་ནི།

༤.  རྩོམ་སྒྲིག་པ་ལས་གནང་བ་དང་ངོ་སྦྱོར། དེ་བཟུམ་སྦེ་རྒྱབ་རྟེན་གྱི་ཡིག་ཆ་ཚུ་ག་ནི་ཡང་མ་བཙུགས་པར་རང་དགར་སྦེ་དཔེ་རིས་ལ་སོགས་པ་ཚུ་ལག་ལེན་འཐབ་ནི།

རྩོམ་ཡིག་ཚུ་གཞན་གྱི་རྩོམ་སྒྲིག་འབད་ཡོད་མི་ཡིག་ཆ་དང་བརྒྱ་ཆ་༢༠ དེ་ཅིག་འདྲ་སུ་སྦེ་ཡོད་རུང་ འབྲུག་གསོ་རིག་དུས་དེབ་ཀྱིས་ངོས་ལེན་འབད་འོང་། ཨིན་རུང་གློག་རིག་གི་བཅོས་མའི་རིག་པ་ལག་ལེན་འཐབ་སྟེ་འབད་ཡོད་པའི་རྩོམ་ཡིག་ཚུ་ངོས་ལེན་མི་འབད།

༨.  མཉམ་སྡེབ་བསྐྱར་ཞིབ་ཀྱི་བྱ་རིམ།

རྩོམ་ཡིག་འདི་དུས་དེབ་ནང་པར་སྐྲུན་གྱི་དོན་ལུ་འབྱོར་བའི་ཤུལ་ལུ་ མཉམ་སྡེབ་བསྐྱར་ཞིབ་ཚུ་རྩོམ་བྲིས་པ་དང་བསྐྱར་ཞིབ་པའི་བར་ན་གསང་བའི་ཐོག་ལས་ཡང་དག་སྦེ་འབདཝ་ཨིན། མཉམ་སྡེབ་བསྐྱར་ཞིབ་འབད་མི་འདི་གིས་ ཞུན་དག་པ་ཚུ་ལུ་གྲོས་ཐག་གཅད་ནི་ལུ་རྒྱབ་སྐྱོར་དང་། རྩོམ་བྲིས་པའི་རྩོམ་ཡིག་ལེགས་བསྒྱུར་དང་སྤུས་ཚད་ཅན་སྦེ་བཟོ་ནི་ལུ་ཕན་ཐོགསཔ་ཨིན། མཉམ་སྡེབ་བསྐྱར་ཞིབ་འབད་མི་ཚུ་གིས་ཁེ་ཕན་ལྟག་སྤྲོད་གྱི་ཁས་ལེན་གསལ་སྟོན་འབད་དགོཔ་དང་། འདས་པའི་ལོ་ངོ་གཉིས་ཀྱི་ནང་འཁོད་ལུ་རྩོམ་བྲིས་པ་དང་མཉམ་ཅིག་ རྩོམ་ཡིག་དཔེ་སྐྲུན་མ་འབད་མི་གཅིག་འོང་དགོཔ་ཨིན།

བསྐྱར་ཞིབ་པའི་སྙན་ཞུ་ ག་དེ་ཅིག་དགོཔ་ཨིན་ན་རྩོམ་ཡིག་དབྱེ་ཁག་གི་སྡེ་ཚན་ནང་ འཁོད་དེ་ཡོདཔ་དང་། རྩོམ་ཡིག་ག་དེ་སྦེ་ལག་ལེན་དང་དབྱེ་ཞིབ་འབད་ནི་ཨིན་ན་ ལམ་ལུགས་ཚུ་པར་རིས་ནང་བཅུད་བསྡུས་ཏེ་བཀོད་དེ་ཡོད།

རྩོམ་ཡིག་འདི་ཐོབ་ཚར་བའི་ཤུལ་ལུ། རྩོམ་ཡིག་ཆ་མེད་གཏང་ནི་དང་ཡང་ན་མཉམ་སྡེབ་བསྐྱར་ཞིབ་ཀྱི་དོན་ལུ་བདུན་ཕྲག་གཉིས་ཀྱི་ནང་འཁོད་ཐག་གཅད་དགོ། བསྐྱར་ཞིབ་འབད་མིའི་མི་ངོམ་འདི་གིས་མཉམ་སྡེབ་བསྐྱར་ཞིབ་འབད་ཚར་མི་གྲུབ་འབྲས་སྙན་ཞུ་འདི་བདུན་ཕྲག་བཞི་གི་ནང་འཁོད་སྤྲོད་དགོཔ་དང་། ཞུན་དག་ལས་རོགསཔ་དང་འབྲེལ་བ་འཐབ་ཞིནམ་ལས་ཕར་འགྱང་འབད་ནིའི་འོས་འབབ་ཡང་ཡོད། མཉམ་སྡེབ་བསྐྱར་ཞིབ་འབད་མིའི་སྙན་ཞུ་ཐོབ་པའི་ཤུལ་ལུ་ ཞུན་དག་བཀོད་ཚོགས་ཀྱིས་ཐག་གཅད་ནིའི་དོན་ལུ་བདུན་ཕྲག་གཉིས་བྱིན་ནི་དང་། འདི་ཚུ་གི་བྱ་སྒོའི་རིམ་པ་ཆ་མཉམ་མཇུག་བསྡུ་ཞིནམ་ལས་བདུན་ཕྲག་གཉིས་ཀྱི་ནང་འཁོད་ ཞུན་དག་གཙོ་འཛིན་པ་གིས་མཐའ་དཔྱད་ཀྱི་གྲོས་ཆོད་ཚུ་གནངམ་ཨིན།

གལ་སྲིད་རྩོམ་ཡིག་འདི་བསྐྱར་བཟོ་འབད་དེ་ཡང་བསྐྱར་པར་སྐྲུན་གྱི་དོན་ལུ་ཕུལ་དགོ་པ་ཅིན། བསྐྱར་ཞིབ་ཆུང་བའི་དོན་ལུ་རྩོམ་བྲིས་པ་ལུ་ཟླཝ་གཅིག་གི་དུས་ཡུན་དང་། བསྐྱར་ཞིབ་ཆེ་བའི་དོན་ལུ་ཟླཝ་གཉིས་འཐོབ་ཨིན། ཞུན་དག་པ་ཚུ་གིས་ཐག་གཅད་ནིའི་དབྱེ་རིམ་ཡང་ ཞུན་དག་ཐག་བཅད་ཀྱི་རེའུ་མིག་ནང་གཟིགས་གནང་།

༩.  རྩོམ་ཡིག་དབྱེ་ཁག

གཤམ་གསལ་བཀོད་ཁྲམ་ནང་ཡོད་པའི་རྩོམ་ཡིག་གི་དབྱེ་ཁག་རྣམ་པ་མ་འདྲཝ་ཚུ་པར་སྐྲུན་གྱི་དོན་ལུ་དུས་དེབ་ནང་ཚུདཔ་ཨིན།

རྩོམ་ཡིག་དབྱེ་ཁག།

བཅུད་བསྡུས།

རྩོམ་ཡིག་དངོས་གཞི།

དྲན་གསོ།

ཞིབ་འཚོལ་རྩོམ་ཡིག།

ཚིག་འབྲུ་༢༥༠། སྒྲིག་བཀོད་ལྡན་པ།

ཚིག་འབྲུ་༢༠༠༠-༢༥༠༠། ཐིག་ཁྲམ་དང་དཔེ་རིས་༥ ཚུན། ཁུངས་གཏུགས་ཐོ་༤༠ ཚུན།

དགོས་མཁོ་དང་འཁྲིལ་ཀུན་སྤྱོད་རྣམ་གཞག་གི་གནང་བ།

སྔོན་འགྲོའི་གྲུབ་འབྲས།

ཚིག་འབྲུ་༢༥༠། སྒྲིག་བཀོད་ལྡན་པ།

ཚིག་འབྲུ་༡༥༠༠། ཐིག་ཁྲམ་༥ ཚུན། ཁུངས་གཏུགས་ཐོ་༡༠ ཚུན།

ཚིག་འབྲུ་༢༥༠། རིམ་མེད།

རྩོམ་སྒྲིག་པ།

-

ཚིག་འབྲུ་༡༠༠༠-༡༥༠༠། ཁུངས་གཏུགས་ཐོ་༥ ཚུན།

མགྲོན་ཞུ་རྩོམ་ཡིག།

བསྐྱར་ཞིབ་རྩོམ་ཡིག།

ཚིག་འབྲུ་༢༥༠ རིམ་མེད།

ཚིག་འབྲུ་༣༠༠༠-༥༠༠༠། ཐིག་ཁྲམ་དང་དཔེ་རིས་༥ ཚུན། དགོས་མཁོ་ལྡན་པའི་ཁུངས་གཏུགས་ཐོ།

-

རྒྱས་བཤད།

ཚིག་འབྲུ་༢༥༠། རིམ་མེད།

ཚིག་འབྲུ་༢༥༠༠། ཐིག་ཁྲམ་དང་དཔེ་རིས་༥ ཚུན། ཁུངས་གཏུགས་ཐོ་༡༠ ཚུན།

དོན་ཚན་འདི་གི་ཐོག་ལུ་གྲོས་བསྡུར་ཡང་དག་འབད་ཡོདཔ། གནས་སྡུད་དགོཔ་མེད།

མཐོང་ཚུལ།

ཚིག་འབྲུ་༢༥༠། རིམ་མེད།

༣༠༠༠། ཐིག་ཁྲམ་དང་དཔེ་རིས་༥ ཚུན། ཁུངས་གཏུགས་ཐོ་༡༠ ཚུན།

དོན་ཚན་འདི་ལུ་ངོ་རྐྱང་གི་བསམ་འཆར། དོན་ཚན་འདི་གུར་དབྱེ་ཞིབ་ཡང་དག་འབད་དེ་ཧེ་མ་ལས་ལྷག་པའི་གོ་དོན་ཐོབ་ཡོདཔ།

གྲོས་ཚོགས་བཅུད་བསྡུས།

ཚིག་འབྲུ་༢༥༠། རིམ་མེད།

ཚིག་འབྲུ་༢༠༠༠། ཐིག་ཁྲམ་དང་དཔེ་རིས་༥ ཚུན། ཁུངས་གཏུགས་ཐོ་༡༠ ཚུན།

གྲོས་ཚོགས་ཀྱི་སྐབས་དོན་ནང་པར་སྐྲུན་འབད་ཡོདཔ། བརྗོད་དོན་བཅུད་བསྡུས།

གནད་དོན་ཞིབ་འཇུག་སྙན་ཞུ།

ཚིག་འབྲུ་༡༥༠། རིམ་མེད།

ཚིག་འབྲུ་༡༥༠༠ ཚུན། ཐིག་ཁྲམ་ཡང་ན་དཔེ་རིས་༥ ཚུན། ཁུངས་གཏུགས་ཐོ་༥ ཚུན།

དགོས་མཁོ་དང་འཁྲིལ་ཀུན་སྤྱོད་རྣམ་གཞག་གནང་བ་དང་བཅའ་མར་གཏོགས་མིའི་ཁས་ལེན་ཡིག་གུ།

ཞུན་དག་པ་ལུ་ཞུ་བ།

-

ཚིག་འབྲུ་༡༠༠༠ ཚུན། ཐིག་ཁྲམ་ཡང་ན་དཔེ་རིས་ ༡ ཚུན། ཁུངས་གཏུགས་ཐོ་༥ ཚུན།

ཞུན་དག་་པ་དང་བརྡ་སྤྲོད་ལེན་འབད་ཡོདཔ།།

གནས་ཚུལ།

-

ཚིག་འབྲུ་༡༠༠༠ ཚུན། ཐིག་ཁྲམ་ཡང་ན་དཔེ་རིས་༢ ཚུན། ཁུངས་གཏུགས་ཐོ་༥ ཚུན།

དུས་མཐུན་བཟོ་ཡོད་པའི་གནས་ཚུལ་གཙོ་བོའི་སྙན་ཞུ་ངོ་མ།

ནུས་ཁྱད་ལྡན་པའི་རྩོམ་ཡིག།

རིམ་མེད།

ཚིག་འབྲུ་༡༥༠༠ ཚུན། ཐིག་ཁྲམ་ཡང་ན་དཔེ་རིས་༢ ཚུན། ཁུངས་གཏུགས་ཐོ་༡༥ ཚུན།

གསོ་བའི་སྲིད་བྱུས་དང་ལག་ལེན་ཡར་དྲག་གི་དོན་ལུ་ནུས་ཁྱད་ལྡན་པའི་བརྗོད་དོན་ནང་ལུ་གྲོས་བསྡུར་ཡང་དག་འབད་ཡོདཔ།

ས་གནས་སྙན་ཞུ།

ཚིག་འབྲུ་༢༥༠། རིམ་མེད།

ཚིག་འབྲུ་༢༠༠༠ ཚུན། ཐིག་ཁྲམ་ཡང་ན་དཔེ་རིས་༥ ཚུན། ཁུངས་གཏུགས་ཐོོ་༡༠ ཚུན།

ས་གནས་ཚུ་ནང་བལྟ་བསྐོར་དང་ལས་རིམ་ཚུ་གི་སྙན་ཞུ།

གསོ་བ་རིག་པ་དང་ འབྲེལ་བའི་པར་རིས།

-

སྔོ་སྨན་ས་སྨན་རྡོ་སྨན་ལ་སོགས་པའི་པར་རིས་དང་ནད་པའི་པར་རིས། པར་རིས་ཀྱི་འགྲེལ་བཤད་ཚིག་འབྲུ་༢༥༠ ཚུན། རིམ་མེད། ཁུངས་གཏུགས་ཐོ་༣ ཚུན།

ནད་པའི་པར་རིས་ཨིན་པ་ཅིན་ ནད་པའི་ཁས་ལེན་ཡི་གུ་དགོ།

རྩོམ་ཡིག་ཚུ་ཡང་རྒྱལ་སྤྱིའི་གནས་ཚད་དང་སྙན་ཞུའི་ལམ་ལུགས་ཚུ་དང་མཐུནམ་སྦེ་འོང་དགོཔ་ཨིན།

རྩོམ་ཡིག་ཚུ་ཞུན་དག་པ་གིས་ངོས་ལེན་འབད་ནིའི་དོན་ལུ་ ཞིབ་འཚོལ་རྩོམ་ཡིག་དང་། སྔོན་འགྲོའི་གྲུབ་འབྲས། བསྐྱར་ཞིབ་རྩོམ་ཡིག རྒྱས་བཤད། མཐོང་ཚུལ། ནུས་ཁྱད་ལྡན་པའི་རྩོམ་ཡིག་དང་གནད་དོན་ཞིབ་འཇུག་གི་སྙན་ཞུ་ཚུ་གི་དོན་ལུ་ ཉུང་མཐའ་བསྐྱར་ཞིབ་འབད་མི་མི་ངོམ་གཉིས་ཀྱིས་འབད་ཡོད་པའི་སྙན་ཞུ་དགོཔ་དང་། རྩོམ་སྒྲིག་གྲོས་བསྡུར་དང་། ཞུན་དག་པ་ལུ་ཞུ་བ། གནས་ཚུལ་ཚུ་གི་དོན་ལུ་ཨིན་པ་ཅིན་ མི་ངོ་གཅིག་གིས་བསྐྱར་ཞིབ་འབད་ཡོད་པའི་སྙན་ཞུ་དགོཔ་ཨིན།

༡༠.  ཞུན་དག་པ་གིས་ཐག་གཅད་ནིའི་གནས་རིམ།

རྩོམ་ཡིག་ཞུན་དག་འབདཝ་ད་ ཐག་གཅད་ནིའི་ཐད་ མཉམ་སྡེབ་བསྐྱར་ཞིབ་འབད་མི་ཚུ་དང་ཞུན་དག་བཀོད་ཚོགས་ཀྱི་འཐུས་མི་ཚུ་གིས་གྲོས་བསྟུན་བཀོད་མི་ཚུ་ལུ་གཞི་བཞག་སྟེ་འབད་ནི་དང་། ཐག་གཅད་ནིའི་འབྲེལ་བ་འདི་ ཡིག་ཆ་བཀོད་བསྒྲིགས་འབད་དེ་ཡོད་པའི་འབྲེལ་ལམ་དང་ཡང་ན་ བཀོད་ཚོགས་འཐུས་མིའི་ཞལ་འཛོམས་འཚོགས་སྐབས་སུ་གང་རུང་ནང་འབད་རུང་བཏུབ་སྦེ་ཨིན། མཐའ་དཔྱད་ཞུན་དག་གི་གྲོས་ཐག་གཅད་ནི་འདི་ ཞུན་དག་གཙོ་འཛིན་པ་གིས་མཛད་དགོ།

རྩོམ་ཡིག་འབྱོར་ཚར་བའི་ཤུལ་ལུ་ ཞུན་དག་བཀོད་ཚོགས་ཀྱི་འཐུས་མི་ཚུ་ལུ་མཉམ་སྡེབ་དབྱེ་ཞིབ་འབད་ནིའི་བྱ་རིམ་ཅིག་གཞི་འཛུགས་འབད་ནིའི་གྲོས་ཐག་གཅད་འོང་། རྩོམ་ཡིག་ཞུན་དག་འབད་ནིའི་མགྲོན་བརྡ་ངོས་ལེན་འབད་ཞིནམ་ལས་ མཉམ་སྡེབ་བསྐྱར་ཞིབ་པ་ཚུ་ལུ་འབྲུག་གསོ་རིག་དུས་དེབ་ཀྱི་བསྐྱར་ཞིབ་ལམ་སྟོན་འདི་ (reviewer guideline) སྤྲོད་དགོ། བསྐྱར་ཞིབ་པ་ཚུ་གིས་ བསྐྱར་ཞིབ་སྙན་ཞུ་འདི་འབྱོར་ཚར་བའི་ཤུལ་ལུ་ ཞུན་དག་པ་གིས་བསྐྱར་ཞིབ་འབད་དེ་ཡོད་མིའི་སྙན་ཞུ་འདི་སྤུས་ཚད་ཅན་དང་ དུས་ཚོད་ཁར་སྤྲོད་དེ་ཡོད་མེད། དེ་བཟུམ་སྦེ་ཕན་ཐོགས་ཅན་ག་དེ་སྦེ་ར་འདུག་ག་ ལྔ་ལྡན་ཚང་ཐིག་གི་ཐོག་ལས་ལེགས་ཉེས་ཚད་རྟགས་བཀོད་ནི་ཨིན། གལ་སྲིད་རྩོམ་ཡིག་ཅིག་གི་ནང་དོན་གཞི་རྩ་ར་ནོར་འཁྲུལ་སྦེ་ཡོད་པ་ཅིན་ ཞུན་དག་བཀོད་ཚོགས་འཐུས་མི་ཚུ་གིས་རྒྱབ་སྣོན་བཀོད་ཡོད་མི་དེ་ ཞུན་དག་པ་གཙོ་འཛིན་གིས་ཆ་མེད་བཏང་སྲིད།

ཞུན་དག་སྐོར་ཐེངས་དང་པའི་ནང་ ཞུན་དག་པ་ཚུ་གིས་གྲོས་ཐག་དེ་ཡང་ ངོས་ལེན་འབད་ནི་ཅིག་དང་། ཡང་ན་ བསྐྱར་ཞིབ་ཆུང་བ་འབད་ནི། ཡང་ན་ བསྐྱར་ཞིབ་ཆེ་བ་འབད་དགོཔ། ཡང་ན་ ཆ་མེད་གཏང་ནི་བཅས་རྒྱབ་སྣོན་འབད་ནི་ཡོད། ཞུན་དགཔ་བཀོད་ཚོགས་དང་ ཡང་ན་ཞུན་དག་པ་གཙོ་འཛིན་གྱིས་རྒྱབ་སྣོན་དེ་དང་འཁྲིལ་འབད་ནི་དང་ ཡང་ན་ རང་དབང་གི་ཞུན་དག་བཀོད་ཚོགས་ཀྱིས་མཐའ་དཔྱད་གྲོས་ཐག་གཅད་ཆོག

བསྐྱར་ཞིབ་ཆེ་བ་སྦེ་འབད་དགོཔ་སྦེ་རྒྱབ་སྣོན་བཀོད་དེ་བཏང་མི་རྩོམ་ཡིག་ཅིག་ ༼སླར་ལོག་བསྐྱར་ཞིབ་༽ སླར་ལོག་བཙུགས་པ་ཅིན་ མཉམ་སྡེབ་བསྐྱར་ཞིབ་སྐོར་ཐེངས་གཉིས་པ་འབད་དགོཔ་ཨིན།

རྩོམ་ཡིག་བསྐྱར་ཞིབ་ཆུང་བ་འབད་དགོཔ་སྦེ་རྒྱབ་སྣོན་བཀོད་མི་ཅིག་ ༼བསྐྱར་ཞིབ༽ སླར་ལོག་བཙུགས་པ་ཅིན་ ཞུན་དག་བཀོད་ཚོགས་ཀྱིས་ གྲོས་ཐག་གཅད་ནི་དང་རྒྱབ་སྣོན་འབད་བཏུབ།

གལ་སྲིད་རྩོམ་ཡིག་དེ་པར་སྐྲུན་འབད་རུང་བའི་ནང་དོན་དང་སྒྲིག་བཀོད་ཚུ་ཚང་ཡོད་པ་ཅིན་ “པར་སྐྲུན་འབད་རུང་བའི་ངོས་ལེན” པར་སྐྲུན་འབད་ཆོགཔ་སྦེ་ཐག་བཅདཔ་ཨིན།

གལ་སྲིད་རྩོམ་ཡིག་དེ་འབྲུག་གསོ་རིག་དུས་དེབ་ཀྱི་ཚད་གཞི་དང་གནས་ཚད་ཚུ་དང་མ་འཁྲིལ་བ་ཅིན་ “ཆ་མེད” གཏང་ནི་དང་། ཡང་ན་ མཉམ་སྡེབ་བསྐྱར་ཞིབ་པའི་གནས་ཚིག་དང་བསྟུན་ འབྲུག་གསོ་བའི་དུས་དེབ་ནང་གནས་སོར་གཏང་ནི། འབྲུག་གསོ་བའི་དུས་དེབ་དེ་ཡང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེའི་འོག་ལུ་པར་སྐྲུན་འབད་དོ་ཡོད་པའི་སྤུན་ཉེའི་དུས་དེབ་ཅིག་ཨིན།

༡༡.  རྩོམ་བྲིས་པའི་ཁྱད་ཚད།

རྩོམ་ཡིག་གི་བདག་དབང་འདི་གཤམ་གསལ་གྱི་ཁྱད་ཚད་ལྟར་ཨིན།

༡.  རྩོམ་ཡིག་ནང་འཆར་སྣང་དང་། ཡང་ན་ སྒྲིག་བཀོད་ཀྱི་ལཱ། བློ་རིག དབྱེ་དཔྱད། གནས་སྡུད་ཀྱི་འགྲེལ་བཤད་ལ་སོགས་པའི་ལཱ་རྒྱ་ཆེཝ་སྦེ་འབད་ཡོད་མི་དང་།

༢.  རྩོམ་ཡིག་ཟིན་བྲིས་དང་། ཡང་ན་གལ་ཆེ་བའི་གནད་འགག་དང་རིགས་ལམ་གྱི་ཐོག་ལས་བསྐྱར་ཞིབ་འབད་ནི།

༣.  པར་སྐྲུན་འབད་ནིའི་ཟིན་བྲིས་མཐའ་དཔྱད་ཀྱི་གནང་བ།

 ༤.  ལས་དོན་ཆ་མཉམ་ནང་དྲི་བ་ངེས་བརྟན་བཟོ་ནི་དང་འབྲེལ་བའི་འགན་འཁྲི་ ཡང་ན་ ནང་དོན་གང་རུང་ནང་གཅིག་སྒྲིལ་དང་འོས་ལྡན་གྱི་ཞིབ་འཇུག་དང་དོགས་པ་བསལ་ཡོདཔ།

རྩོམ་བྲིས་པ་གང་རུང་གཅིག་ འབྲེལ་གཏུགས་རྩོམ་བྲིས་པ་ སྦེ་ངོས་འཛིན་འབད་དགོཔ་དང་། རྩོམ་པ་པོ་ག་ར་གིས་ཁོང་རའི་ཁེ་ཕན་ལྟག་སྤྲོད་གསལ་སྟོན་འབད་དགོ།

གལ་སྲིད་ རྩོམ་བྲིས་པ་གཅིག་གིས་རྩོམ་ཡིག་ཕུལ་ཚར་བའམ་ ཡང་ན་ པར་སྐྲུན་འབད་ཚར་བའི་རྗེས་སུ་རྩོམ་བྲིས་པའི་ཐོ་ནང་ཚུད་མི་ཅིག་བསྒྱུར་བཅོས་འབད་དགོཔ་དང་ ཡང་ན་ རྩོམ་བྲིས་པ་གང་རུང་ཕྱིར་བཏོན་དང་ཁ་སྐོང་བཙུག་ནིའི་ཞུ་བ་ཕུལ་བ་ཅིན་ འདི་བཟུམ་མའི་ནང་རྩོམ་བྲིས་པའི་མིང་ནང་ཚུད་མི་ཆ་མཉམ་གྱིས་ར་ ནང་གན་ས་ཡིག་བརྐྱབས་ཏེ་འོང་དགོ། (author change form)

གང་ཟག་གང་རུང་གིས་ལས་འགུལ་ནང་ཆ་རོགས་འབད་ཡོད་མི་དང་ ཡང་ན་ རྩོམ་ཡིག་བྲིས་བྲིཝ་ཡོད་རུང་ རྩོམ་བྲིས་པའི་བདག་དབང་ཐོབ་ནིའི་ཁྱད་ཚད་མ་ཚང་པ་ཅིན་ བཀའ་དྲིན་དགའ་ཚོར་གྱི་སྡེ་ཚན་ནང་བཀོད་དགོ།

བཅོས་མའི་རིག་པ་ལག་ལེན་འཐབ་ཐོག་ལས་འཕྲུལ་རིག་གིས་ཕན་བཏགས་མི་ཚུ་ སྒྲུབ་བྱེད་ལྡན་པའི་རྩོམ་ཡིག་འབྲི་མིའི་གྲངས་སུ་མི་ཚུད་ནི་ཨིན་མི་དེ་ཡང་ འདི་བཟུམ་གྱིས་ཞིབ་འཚོལ་ལས་དོན་གྱི་ངེས་བརྟན་དང་གཅིག་སྒྲིལ་གྱི་འགན་ཁུར་མི་ཕོག་ནི་དེ་གིས་ཨིན།

རྩོམ་ཡིག་ངོས་ལེན་འབད་ཞིནམ་ལས་པར་སྐྲུན་འབད་ནིའི་དོན་ལུ་ མཚན་རྟགས་བཀོད་དེ་ཡོད་པའི་བདག་དབང་གསལ་སྟོན་གྱི་འབྲི་ཤོག་སྤྲོད་ནིའི་འགན་ཁུར་འདི་ འབྲེལ་གཏུགས་རྩོམ་བྲིས་པ་ འབྲེལ་བ་འཐབ་སའི་རྩོམ་པ་པོ་སྦེ་ངོས་འཛིན་འབད་ཡོད་མི་ལུ་ཕོགཔ་ཨིན། (authorship declaration)

༡༢.  རྩོམ་པ་པོའི་ཁེ་ཕན་ལྟག་སྤྲོད།

རྩོམ་བྲིས་པ་གིས་མ་དངུལ་དང་ དངུལ་མིན་གྱི་འབྲེལ་བ་དང་། ལས་སྣ་ཚུ་དང་ཁེ་ཕན་ལྟག་སྤྲོད་ཡོད་མེད་ཚུ་རྒྱལ་སྤྱིའི་འཐུས་མི་ཚོགས་པའི་སྨན་བཅོས་དུས་དེབ་ཀྱི་ཞུན་དགཔ་ ༼International Committee of Medical Journal Editors ༽ ནང་ལུ་ཆེད་བཀོད་འབད་མི་ལྟར་དུ་གསལ་སྟོན་འབད་དགོ། སྒྲུབ་བྱེད་ལྡན་པའི་ལས་དོན་ དྭངས་གསལ་ངེས་བརྟན་བཞག་ནིའི་དོན་ལུ་ རྩོམ་བྲིས་པ་གིས་ཁེ་ཕན་ལྟག་སྤྲོད་གསལ་སྟོན་འདི་འགན་ལེན་གྱི་ ཆ་ཤས་ཅིག་སྦེ་གསལ་སྟོན་འབད་དགོ། ཁེ་ཕན་ལྟག་སྤྲོད་ཀྱི་འབྲི་ཤོག་འདི་གློག་རིག་འདི་ནང་ལས་ར་ཕབ་ལེན་འབད་ཚུགས། (ICMJE conflict of interest form)

༡༣.  ཞིབ་འཚོལ་འབྲེལ་གཏོགས་པ་ཡོངས་ཀྱི་ཉེན་སྲུང་དང་སྒེར་གསང་གི་རང་དབང་།

འགྲོ་བ་མིའི་སྐོར་ལས་ཞིབ་འཚོལ་འབད་བའི་སྐབས་ ཞིབ་འཚོལ་གྱི་བྱ་རིམ་ཚུ་འགན་དབང་ཅན་གྱི་འགྲོ་བ་མིའི་བརྟག་ཞིབ་ཚོགས་ཆུང་གི་ཀུན་སྤྱོད་རྣམ་གཞག་དང་འཁྲིལ་ཡོད་མེད་བལྟ་དགོ། ( WMA Declaration of Helsinki – Ethical Principles for Medical Research Involving Human Subjects) སེམས་ཅན་གྱི་སྐོར་ལས་ཞིབ་འཚོལ་འབད་བའི་སྐབས་གཙུག་སྡེ་དང་ ཡང་ན་རྒྱལ་ཡོངས་ཞིབ་འཚོལ་ཚོགས་སྡེའི་ལམ་སྟོན་དང་ ཡང་ན་སེམས་ཅན་ཚན་རིག་བརྟག་དཔྱད་ཁང་ལག་ལེན་དང་གཅེས་སྐྱོང་ཚུ་ རྒྱལ་ཡོངས་ཀྱི་ཁྲིམས་ལུགས་དང་འཁྲིལ་ལག་ལེན་འཐབ་ཡོད་མེད་བལྟ་དགོ། ཞིབ་འཚོལ་པ་གིས་ ས་ཁུལ་ཀུན་སྤྱོད་རྣམ་གཞག་ཚོགས་ཆུང་(འགྲོ་བ་མི་དང་སེམས་ཅན་གཉིས་ཆ་རའི་དོན་ལུ) གིས་གནང་བ་སྤྲོད་ཡོད་པའི་སྒྲུབ་བྱེད་འདི་ཕུལ་དགོ། འགྲོ་བ་སེམས་ཅན་གྱི་ཞིབ་འཚོལ་གྱི་བྱ་སྒོའི་ལམ་ལུགས་ཡང་། བྱམས་སེམས་ཅན་གང་དྲག་འོང་དགོཔ་དང་ ཚོར་སྦྲིད་ཀྱི་སྨན་དང་ན་ཟུག་གཅོག་པའི་སྨན་ལག་ལེན་འཐབ་ཡོད་མི་ཚུ་གི་སྐོར་ལས་ཁ་གསལ་སྦེ་བཀོད་དགོ། ཞིབ་འཚོལ་གྱི་ཚད་ལྡན་ཀུན་སྤྱོད་རྣམ་གཞག་འདི་ འཛམ་གླིང་རྒྱལ་སྤྱིའི་ལམ་སྟོན་དང་ཐབས་ལམ་ཡང་དག་དང་འཁྲིལ་ཏེ་འོང་དགོ། ཀུན་སྤྱོད་རྣམ་གཞག་དང་ངོས་ལེན་འབད་མ་ཚུགས་པའི་རྩོམ་ཡིག་ག་ཅི་བཟུམ་ཡོད་རུང་ དུས་དེབ་འདི་ནང་ཆ་བཞག་མི་འབད། ཀུན་སྤྱོད་རྣམ་གཞག་ཚོགས་ཆུང་གི་གནང་བ་དང་ ཀུན་སྤྱོད་རྣམ་གཞག་ལག་ལེན་གྱི་ཁ་གསལ་ཚུ་ ཞིབ་འཚོལ་རྩོམ་ཡིག་གི་ཐབས་ལམ་སྡེ་ཚན་འོག་ལུ་ཚུད་དགོ།

གནད་དོན་ཞིབ་འཇུག་སྙན་ཞུ: ནདཔ་གི་མིང་། མིང་གི་ཡི་གུ་དང་པ། སྨན་ཁང་གི་ཨང་ཡིག་ཚུ་དམིགས་བསལ་དུ་རྩོམ་ཡིག་གི་དཔེ་རིས་ཚུ་ནང་ལག་ལེན་མ་འཐབ། རྩོམ་བྲིས་པ་གིས་ནད་པ་དང་ཡང་ན་ ཁྲིམས་མཐུན་གྱི་བདག་འཛིན་པ་གིས་ས་ཡིག་བྱིན་ཡོད་པའི་གནད་དོན་ཞིབ་འཇུག་སྙན་ཞུ་ཁས་ལེན་གྱི་འབྲི་ཤོག་འདི་ཕུལ་དགོ།

༡༤.  ཞིབ་འཚོལ་ཀུན་སྤྱོད་རྣམ་གཞག་གི་སྲིད་བྱུས།

ཞིབ་འཚོལ་ཀུན་སྤྱོད་རྣམ་གཞག་གི་གཞི་རྩ་གེ་ར་བསྲུང་ནི་འདི་ རྩོམ་བྲིས་པ་དང་ཞིབ་དཔྱད་པ་ཚུ་གི་འགན་ཁུར་ཨིན། འབྲུག་གསོ་རིག་དུས་དེབ་ནང་ལུ་ ས་ཁུལ་ཀུན་སྤྱོད་རྣམ་གཞག་ཚོགས་ཆུང་ལས་གནང་བ་ཐོབ་ཡོད་མི་དང་། ཞིབ་འཚོལ་གྱི་ཐབས་ལམ་ཚུ་འཛམ་གླིང་རྒྱལ་སྤྱིའི་ཀུན་སྤྱོད་རྣམ་གཞག་དང་ཐབས་ལམ་ཡང་དག་དང་བསྟུན་ཡོད་པའི་རྩོམ་ཡིག་ཚུ་པར་སྐྲུན་འབདཝ་ཨིན།

འབྲུག་གསོ་རིག་དུས་དེབ་ཀྱིས་ ཞིབ་འཚོལ་ཀུན་སྤྱོད་རྣམ་གཞག་དང་འབྲེལ་བའི་ཉོག་གཞི་རེ་ལྡན་པའི་རྩོམ་ཡིག་འདི་ པར་སྐྲུན་མི་འབད།  དུས་དེབ་ནང་པར་སྐྲུན་འབད་ཡོད་པའི་ རྩོམ་ཡིག་ལྷག་མི་ཡོངས་ཀྱིས་ལོག་སྤྱོད་དང་ཞིབ་འཚོལ་ཀུན་སྤྱོད་རྣམ་གཞག་དང་འགལ་ཡོད་པའི་དོགས་པ་རེ་ཡོད་པ་ཅིན་ དུས་དེབ་ཡིག་ཚང་དང་ ཡང་ན་ ཞུན་དག་གཙོ་འཛིན་པ་ལུ་སྙན་ཞུ་འབད་དེ་བཀའ་དྲིན་བསྐྱང་གནང་། ཞིབ་འཚོལ་ཀུན་སྤྱོད་རྣམ་གཞག་ལོག་སྤྱོད་ཚབས་ཆེན་གྱི་སྙན་ཞུ་རེ་ལྷོད་པ་ཅིན་ རྩོམ་ཡིག་ཕྱིར་བཏོན་དང་། ཡང་ན་ཆ་མེད་གཏང་ནིའི་བདག་དབང་དུས་དེབ་ལུ་ཡོདཔ་ཨིན།

འབྲུག་རྒྱལ་ཁབ་ནང་འཁོད་འགྲོ་བ་མི་དང་། ཡང་ན་སེམས་ཅན་གྱི་སྐོར་ལས་ཞིབ་འཚོལ་འབད་ཡོད་པ་ཅིན་རྩོམ་བྲིས་པ་གིས་  གསོ་བའི་ལྷན་ཁག་འོག་ Research Ethics Board of Health ཡང་ན་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་འོག་ Institutional Review Board ལས་ཞིབ་འཚོལ་ཀུན་སྤྱོད་རྣམ་གཞག་གི་གནང་བ་ཐོབ་པའི་ཡི་གུ་འདི་ཕུལ་དགོ།

༡༥གནས་ཚད་ལྡན་པའི་སྙན་ཞུ་ལམ་སྟོན།

འབྲུག་གསོ་རིག་དུས་དེབ་ཀྱིས་ཁ་བྱང་བཀོད་ཡོད་པའི་ Enhancing the Quality and Transparency Of health Research (EQUATOR) འོས་ལྡན་ཅན་གྱི་སྙན་ཞུ་ཐབས་ལམ་འདི་རྩོམ་ཡིག་ནང་ལག་ལེན་འཐབ་དགོ་པའི་སེམས་ཤུགས་དང་རྒྱབ་སྐྱོར་འབདཝ་ཨིན། EQUATOR༌མཐུད་འབྲེལ་འདི་ནང་བཀོད་ཡོད་པའི་དྲན་ཐོ་འདི་གིས་རྩོམ༌ཡིག༌ཚུ༌འོས་ལྡན་ཅན་བཟོ་ནི་རྐྱངམ་ཅིག་མིན་པར་ རྩོམ་ཡིག་གི་སྤུས་ཚད་ཡར་རྒྱས་གཏང་ནིའི་ནང་ལུ་ཡང་ཆ་རོགས་འབདཝ་ཨིན།

འོས་ལྡན་ཅན་གྱི་ཐབས་ལམ་ཚུ་ཡང་།

  • རིམ་བྲལ་ཚོད་བརྟག  CONSORT
  • ལྟ་རྟོག་ཞིབ་འཚོལ།STROBE
  • ལུགས་མཐུན་བསྐྱར་ཞིབ། PRISMA
  • ཞིབ་འཚོལ་བྱ་རིམ། SPIRITPRISMA-P
  • ནད་ངོས་བཟུང་/སྔོན་དཔག་ཞིབ་འཚོལ། STARDTRIPOD
  • གནད་དོན་སྙན་ཞུ། CARE
  • སྨན་བཅོས་ལམ་སྟོན། AGREERIGHT
  • ཁུངས་བཙན་ཞིབ་འཚོལ། SRQRCOREQ
  • སེམས་ཅན་སྔོན་འགྲོའི་སྨན་བཅོས་ཞིབ་འཚོལ། ARRIVE
  • སྤུས་ཚད་ཡར་རྒྱས་ཞིབ་འཚོལ། SQUIRE
  • དཔལ་འབྱོར་དབྱེ་ཞིབ། CHEERS

༡༦.  གསང་བ།

ཞུན་དག་པ་དང་ཞུན་དག་པའི་ལས་བྱེདཔ་ཚུ་གིས་རྩོམ་ཡིག་འདི་པར་སྐྲུན་མ་འབད་བའི་སྔོན་མར་ རྩོམ་ཡིག་དང་འབྲེལ་བའི་ལོ་རྒྱུས་ཚུ་འབྲེལ་གཏུགས་རྩོམ་བྲིས་པ་དང། བསྐྱར་ཞིབ་པ། འོས་ལྡན་གྱི་བསྐྱར་ཞིབ་པ། དེ་ལས་ཞུན་དག་བསླབ་སྟོན་པ་ཚུ་མ་གཏོགས་པའི་མི་གཞན་ག་ལུ་ཡང་སླབ་ནི་མེད།

༡༧.  བདག་དབང་དང་རྩོམ་བྲིས་པའི་གྲོས་མཐུན་འབྲི་ཤོག

རྩོམ་ཡིག་ངོས་ལེན་འབད་ཚར་བའི་ཤུལ་ལས་ རྩོམ་བྲིས་པ་གིས་པར་སྐྲུན་པ་ལུ་ པར་སྐྲུན་འབད་ཆོག་པའི་བདག་དབང་འདི་ཡིག་ཐོག་ལུ་སྤྲོད་ནི་དང་། པར་སྐྲུན་འབད་ཡོད་པའི་རྩོམ་ཡིག་འདི་དང་ཅིག་ཁར་ཨ་རྟག་ར་རྩོམ་བྲིས་པའི་མིང་སྡོད་འོང་།

རྩོམ་བྲིས་པ་ལུ་གཤམ་གསལ་གྱི་བདག་དབང་འོང་སྲིད།

༡.  ཁོང་རའི་ལཱ་འདི་སློབ་སྟོན་གྱི་ལཱ་ནང་ལག་ལེན་འཐབ་སྲིད།

༢.  ཁོང་རའི་རྩོམ་ཡིག་འདི་པར་སྐྲུན་འབད་ནི་དང་། ཡང་ན་རྩོམ་བྲིས་པ་གང་རུང་གིས་བྲིས་ཡོད་པའི་ཀི་དེབ་ཀྱི་ཆ་ཤས་ཅིག་སྦེ་བྲིས་ནི་ཡང་ན་གནང་བ་བྱིན་སྲིད།

༣.  ཁོང་གི་རྩོམ་ཡིག་འདི་ཁོང་རའི་སྒེར་དོན་དང་ཡངན་ལས་ཁུངས་(གཙུག་སྡེ་མ་ཡིན་པ)་གནས་སྡུད་གཞི་མཛོད་དམ་ཡོངས་འབྲེལ་ཁ་བྱང་ནང་བཙུགས་ཡང་སྲིད།

༡༨རྩོམ་ཡིག་ཕྱིར་བཏོན་དང་ཆ་མེད་སྲིད་བྱུས།

རྩོམ་བྲིས་པ་གིས་རྩོམ་ཡིག་མཐའ་དཔྱད་ཞུན་དག་པ་གིས་གྲོས་ཐག་མ་ཆོད་པའི་ཧེ་མ་དུས་ཚོད་ནམ་ར་འབད་རུང་རྩོམ་ཡིག་ཕྱིར་བཏོན་འབད་ཆོགཔ་ཨིན་རུང་། གལ་སྲིད་ཞུན་དག་གཙོ་འཛིན་པ་གིས་རྩོམ་ཡིག་ངོས་ལེན་འབད་ཚར་བ་ཅིན་དེ་གི་ཤུལ་ལས་ཕྱིར་བཏོན་འབད་མི་ཚུགས།

རྩོམ་བྲིས་པ་ཁོ་/མོ་གང་རུང་གི་རྩོམ་ཡིག་པར་སྐྲུན་འབད་ཡོད་མིའི་ནང་དམིགས་བསལ་གྱི་གནད་དོན་ནང་ལུ་ནོར་འཁྲུལ་རེ་བྱུང་ཡོདཔ་གལ་སྲིད་རྩོམ་བྲིས་པ་རང་གིས་མཐོང་པ་ཅིན། དུས་དེབ་ཞུན་དག་པ་དང་ཡང་ན་པར་སྐྲུན་འབད་མི་ཚུ་དང་གཅིག་ཁར་གྲོས་བསྟུན་འབད་དེ་ནོར་བཅོས་དང་། ཡང་ན་ཆ་མེད་གཏང་ནིའི་འགན་ཁག་རྩོམ་བྲིས་པ་རང་གིས་འབག་དགོཔ་ཨིན།

དུས་དེབ་ལག་ལེན་པ་གིས་དམིགས་བསལ་གྱི་གནད་དོན་ནང་ལུ་སྒྲུབ་བྱེད་དང་ལྡན་པའི་ཐོག་ལས་ རྒྱུ་མཚན་ཁུངས་ལྡན་གྱི་སྒྲུབ་བྱེད་ལོག་སྤྱོད། གནས་སྡུད་སྤྱི་བསྡོམས་ཁ་སྒྱུར་འབད་ཡོདཔ། གནང་བ་ལོག་སྤྱོད། དཔེ་བཤུས་འབད་ཡོདཔ། ཡང་ན་བདག་དབང་ཡོད་མི་ཚུ་ལས་གནང་བ་མེད་པར་གནས་སྡུད་ལོག་སྤྱོད་འབད་ཡོདཔ་ཚུ་ཤེས་རྟོགས་བྱུང་པ་ཅིན་རྩོམ་ཡིག་འདི་ཕྱིར་བཏོན་འབད་ཆོགཔ་ཨིན།

དེ་བཟུམ་སྦེ་རྩོམ་ཡིག་འདི་བདག་དབང་ལ་སོགས་པའི་གནད་དོན་དང་། ཁྲིམས་ཐོག་བཀག་འཛིན། གནས་སྡུད་གསལ་ཞུ་ནང་ལུ་ནོར་འཁྲུལ། ཁྲིམས་འགལ། རྒྱུ་མཚན་ཁུངས་ལྡན་གྱི་གནས་སྡུད་ལོག་སྤྱོད་དང་གཞན་ལུ་གནོད་ཉེན་ཡོད་པའི་དམིགས་བསལ་གནད་དོན་ཚུ་མཐོང་པ་ཅིན་ཡོངས་འབྲེལ་འཆར་སྒོའི་ནང་ལས་བཏོན་གཏང་དགོཔ་ཡང་འཐོན་འོང་།

དེ་གིས་མ་ཚད་ རྩོམ་ཡིག་གི་ཚིག་ཕྲད་ཚུ་ནང་ཁྲིམས་འགལ་རྩོད་རྙོག་དང་བདག་དབང་ཧམ་འཛུལ་ལ་སོགས་པའི་གནད་དོན་རེ་བྱུང་པ་ཅིན་ ཕྱིར་བཏོན་དང་ཆ་མེད་གང་རུ་གཏང་ནི་ཨིནམ་མ་ཚད་གཏན་མཛོད་དང་ PDFཡང་ན་HTML མཐུད་འབྲེལ་ཚུ་ནང་ལུ་ཡང་ཆ་མེད་གཏང་ཡོད་ཟེར་བཀོད་ནི།

༡༩.  གོ་སྐབས་གོ་ཡངས་ཀྱི་སྲིད་བྱུས།

འབྲུག་གསོ་རིག་དུས་དེབ་འདི་བཀག་ཆ་མེད་པའི་གོ་སྐབས་འདྲ་མཉམ་སྦེ་འཐོབ་པའི་དུས་དེབ་གཅིག་དང་། དེའི་ནང་དོན་ཚུ་ཡང་རིན་མེད་སྟོང་པ་སྦེ་ལྷག་ཚུགས་ནི་དང་སྤྱོད་ཚུགསཔ་ཨིན།

༢༠.  གཏན་མཛོད་ཀྱི་སྲིད་བྱུས།

རྩོམ་ཡིག་ཚུ་ཨང་ཅན་ཐོན་རིམ་ནང་དཔེ་སྐྲུན་འབད་ཚར་མི་ཚུ། གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེའི་མངའ་འོག་ལུ་ཡོད་པའི་ནང་པའི་གསོ་བ་རིག་པའི་སློབ་ཚོགས་ཀྱིས་རྒྱུན་སྐྱོང་འབད་ཡོད་མི་འབྲུག་གསོ་རིག་དུས་དེབ་ཀྱི་ཡོངས་འབྲེལ་འཆར་སྒོའི་ནང་གཏན་མཛོད་སྦེ་བཞག་ནི་ཨིན། དེ་བཟུམ་སྦེ་པར་སྐྲུན་འབད་ཚར་མི་པར་སྐྲུན་ཡིག་ཆ་ཚུ་རྒྱལ་ཡོངས་དཔེ་མཛོད་ National Library of Bhutan  དང་། གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེའི་དཔེ་མཛོད་ལྟེ་བ་ central library ཚུ་ནང་གཏན་མཛོད་སྦེ་བཞག་ནི་ཨིན།

༢༡.  ཆོག་ཐམ་དང་གནང་བ།

འབྲུག་གསོ་རིག་དུས་དེབ་ཀྱི་རྩོམ་ཡིག་ལྷག་མི་ཚུ་གིས་རྩོམ་ཡིག་དང་གནས་སྡུད་ཚུ་གློག་རིག་དང་འགྲུལ་འཕྲིན་ལ་སོགས་པའི་གློག་ཆས་ཚུ་ནང་ཕབ་ལེན་དང་། དཔེ་བཤུས་བརྐྱབ་ནི། བཀྲམ་སྤེལ་འབད་ནི། པར་སྐྲུན་འབད་ནི། རྩོམ་ཡིག་ཡོངས་རྫོགས་སྦེ་ལྷག་ནི་དང་ཕབ་ལེན་འབད་ནི། ཁྲིམས་མཐུན་དང་འབྲེལ་བའི་ལས་རིམ་ཚུ་ནང་ལག་ལེན་འཐབ་བཏུབ་སྦེ་གནང་བ་སྤྲོད་ཡོད་པའི་ཁར། རྩོམ་བྲིས་པ་ཚུ་གིས་རང་སོའི་དཔེ་སྐྲུན་དབང་ཆ་ཚུ་བཀག་དམ་ག་ནི་ཡང་མེད་པར་བདག་བཟུང་འབད་ཆོག་པའི་གནང་བ་བྱིནམ་ཨིན།

འབྲུག་གསོ་རིག་དུས་དེབ་ཀྱིས་དཔེ་སྐྲུན་འབད་མི་རྩོམ་ཡིག་ཚུ་ཡང་། Creative Commons Attribution 4.0 International License. ཟེར་མི་ཆོག་ཐམ་དང་གནང་བའི་ཐོག་ལུ་ཨིན།

༢༢.  ཉོག་བཤད་སྲིད་རྒྱུས།

རྩོམ་ཡིག་ལྷག་མི་ཡོངས་ཀྱིས་པར་སྐྲུན་འབད་ཡོད་པའི་རྩོམ་ཡིག་ནང་ རྒྱུ་མཚན་ཁུངས་ལྡན་ཆ་འཇོག་ཡུན་གནས། ཡང་ན་བདེན་པའི་ལོ་རྒྱུས་ཀྱི་སྐོར་ཤེས་རྟོགས་ཚ་གྱང་། ཡང་ན་རྒྱུ་མཚན་ཁུངས་ལྡན་དང་ཞིབ་འཚོལ་ཀུན་སྤྱོད་རྣམ་གཞག་ལོག་སྤྱོད་ཀྱི་ཉོག་བཤད་རེ་བྱུང་པ་ཅིན་ དུས་དེབ་ཡིག་ཚང་དང་ ཡང་ན་ཞུན་དག་གཙོ་འཛིན་དང་གཅིག་ཁར་འབྲེལ་བ་མཛད་གནང་། དུས་དེབ་ཡིག་ཚང་གིས་ཉོག་བཤད་ཚུ་ངོས་ལེན་འབད་དགོཔ་དང་འོས་ལྡན་གྱི་དང་ལེན་འབད་དགོ། ཉོག་བཤད་དང་འོས་ལྡན་གྱི་དང་ལེན་འབད་ཡོད་པའི་བཅུད་དོན་འདི་དུས་དེབ་ཀྱི་ཡོངས་འབྲེལ་ནང་ཁྱབ་བསྒྲགས་འབད་དགོ། པར་སྐྲུན་དང་འབྲི་ལཱ་གི་འཛོལ་བ་ཚུ་པར་སྐྲུན་འབད་དགོ་པ་ཅིན་ ཤུལ་མའི་པར་སྐྲུན་འབད་ནིའི་ནང་ལུ་ཚུད་སྡོད་འོང་།